正确教育旗下网站
资料上传
数字校长 数字校园 天天阅读 高考试题
位置: 中华资源库 九年级期中试卷 西藏达孜中学2019届初三下学期期中考试藏语试卷

西藏达孜中学2019届初三下学期期中考试藏语试卷

内容简介 文档简介为自动调取,可能会显示内容不完整,请您查看完整文档内容。
手机浏览

扫一扫 在手机端浏览文档

༄༅༎སྟག་རྩེ་ཆུས་སློབ་འབྲིང་ལོ་རིམ་དགུ་པའི་བོད་སྐད་ཡིག་སློབ་དཀྱིལ་རྒྱུགས་ཤོག།
ཡིག་རྒྱུགས་འདོན་མཁན།   ཚེ་རིང་ཆོས་མཚོ།
དོ་སྣང་བྱ་རྒྱུ།
1.རྒྱུགས་ཤོག་འདོར་ཤོག་ལྷེ 4 ཡོད།དྲི་གཞི་ཆེ་བ་བཞི་ལ་ཁྱོན་སྐར་མ 100 ཡོད།ཡིག་ཚད་གཏོང་ཡུན་སྐར་མ 120 ཡིན།
2.རྒྱུགས་སྤྲོད་མཁན་གྱིས་རྒྱུགས་ཤོག་དང་།ལན་འདེབས་ཤོག་བྱང་བླངས་རྗེས།སྔོན་ལ་རང་གི་རུས་མིང་དང་རྒྱུགས་གཏོང་ཆོག་པའི་ལག་འཁྱེར་ཨང་གྲངས་དག་ལན་འདེབས་ཤོག་བྱང་ཐོག་གཏན་འཁེལ་བྱས་པའི་གནས་སུ་བྲིས་རྗེས།ཐིག་རིས་གསང་རྟགས(条形码)སྦྱར་དགོས།
3.རྒྱུགས་ཤོག་འདིའི་ལན་ཚང་མ་ངེས་པར་དུ་ལན་འདེབས་ཤོག་བྱང་ཐོགའབྲི་དགོས།གདམ་གསེས་དྲི་གཞི་ངེས་པར་དུ་ཞ་སྨྱུག(2B)གིས་ནག་པོ་བཟོ་དགོས་པ་དང་།དྲི་གཞི་གཞན་དག་གི་ལན་འབྲི་སྐབས་ངེས་པར་དུ་སྣག་ཚ་ནག་པོའི་ལྕགས་སྨྱུག་གམ་མཆན་འགོད་སྨྱུ་གུས་གཏན་འཁེལ་བྱས་པའི་གནས་སུ་གསལ་པོར་འབྲི་དགོས།གལ་ཏེ་དྲིས་ལན་རྒྱུགས་ཤོག་དངོས་ཀྱི་ཐོག་བཞག་ཚེ་སྐར་མི་སྤྲོད།
དང་པོ།རྨང་གཞིའི་ཤེས་བྱའི་སྐོར།(བསྡོམས་སྐར40)
གཅིག   གདམ་གསེས་དྲི་གཞི།(སྐར 10×1=10)
1. 《མཱ་ཇིའི་ལག་རྟགས་》ཞེས་པའི་ནང་དུ་དྷེ་ལྷ་ཆེམ་གཉིས་ཀྱིས་རང་ཉིད་ཁྱིས་བཟའ་ཟླའི་དགའ་པོ་ཡོང་བའི་ཆེད་དུ་རང་གི་ཆེས་གཅེས་པར་འོས་པའི་ཅ་ལག་བཙོང་སྟེ་ལག་རྟགས་ཉོས་ནས་ཕན་ཚུན་སྤྲོད་རེས་བྱེད་པའི་ཐོག་ནས(  )ཡིན།
A སྐབས་དེའི་མི་དང་མིའི་དབར་གྱི་འབྲེལ་བ་ནི་གསེར་དངུལ་དང་འབུལ་ཚན་གྱི་འབྲེལ་བ།
B སྐབས་དེའི་མི་དང་མིའི་དབར་གྱི་དྭངས་གཙང་ལྷད་མེད་ཀྱི་བརྩེ་སེམས་དེ་མཚོན་པ།
C མྰ་ཇིའི་འཁྲུངས་སྐར་གྱི་དུས་སུ་ངེས་པར་དུ་ཕན་ཚུན་ལག་རྟགས་སྤྲོད་རེས་བྱེད་དགོས་པ།
2.  འདི་སྒྲ་ནི་དུས________ལ་འཇུག་པ་ཡིན། (     )
A.མ་འོངས་པ།                     B.ད་ལྟ་བ།                     C.འདས་པ།
3. 《དགེ་ལྡན་ལེགས་བཤད》ལས།   བླུན་པོ་ཉེས་པ་ཀུན་ལྡན་པས། །  གང་དུ་ཕྱིན་པ་དེ་ནས་ལྡོག   ཞེས་པའི་དོན་དང་མཐུན་པའི་དཔེ་ནི ()ཡིན།
          A  གླང་པོ་ལ་སོགས་སྲོག་ཆགས་བཞི། །     འཛོམས་ནས་བསླབ་ཁྲིམས་བཅས་ལ་ལྟོས། །
B    མི་ལ་ཟགས་སུ་འཁྲུལ་བ་ཡིས། །     སྟག་གི་སྙིང་སྲིད་གས་ལ་ལྟོས། ། C བོང་ཤ་ཡིན་པ་ངོ་ཤེས་ན།  །    སུས་ཀྱང་ཉོ་བ་མེད་ལ་ལྟོས། །
4.  “ནོར་རིན་ཆེན་ལྟ་བུའི་ཤེས་ཡོན་དེ” ཞེས་པའི་དཔེ་ཅན་ནི()ཡིན།
A ཤེས་ཡོན།     B ནོར་རིན་ཆེན།     C  ལྟ་བུ།
5.   བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཞེས་པའི“ལྷུན་གྱིས་གྲུབ”ནི་བྱེད་སྒྲ()ལ་འཇུག
A བྱེད་སྒྲ་ངང་ཚུལ་སྟོན་པ།     B  བྱེད་སྒྲ་རྒྱུ་མཚན་སྟོན་པ།   C བྱེད་སྒྲ་རྗེས་མཐུན།
6.ལ་དོན་གྱི་ཕྲད་བདུན་ལས་ཕྲད་རང་དབང་ཅན་(    )གཉིས་ཡིན།
A  ན་ལ།         Bདུ་ཏུ།         C ར་རུ།
7.  གཤམ་གསལ་ལས་དག་ཆ་ཡང་མི་དག་པའི་སྡེ་ནི།()ཡིན།
A བཀའ་བཀྱོན།     བཤེས་གཉེན།    ཁ་ལུད།     མཐོན་མཐིང་།
B འཁྱོས་མ།     དན་རྟགས།      ཡིད་རྟོན།      མཛའ་གྲོགས།
C ཚིག་བཅད།     སྐྱུས་མ།      གཞུང་གྲང་།       སྐྱོ་དུང་།
8.  སྲོང་བཙན་གྱིས་དར་དམར་པོའི་ཐོད་བཞེས་པ་དང་།  ཟ་འོག་གི་བེར་མནབས་པ།  ཕྱགས་ལྷམ་སྣེ་འཁྱིལ་གྱོན་པ་སོགས་ནི་མི་སྣའི()གསལ་བཤད་བྱེད་པ་ཡིན།
A ཕྱིའི་རྣམ་པ།      B བྱ་བྱེད།      C སེམས་ཁམས།
9.  བྱས་པ་ཤེས་ཤིང་དྲིན་དུ་གཟོ།། ཕ་མ་ལ་གུས་རང་བཞིན་དྲང་། ། གཞན་ལ་མི་འཚེ་རང་ཚུགས་ཐུབ། །  དེ་དག་སྐྱེས་བུ་བཟང་པོ་ཡིན།  ཞེས་པའི་ཚིགས་བཅད་ཤོ་ལོ་ཀ་འདིས()ཡིན། 
A མི་སྣ་བཟང་པོའི་ལེགས་ཆ་བཤད་ཡོད།        B  མི་སྣ་ངན་པའི་ཞན་ཆ་བཤད་ཡོད།            C མི་སྣ་བཟང་ངན་གཉིས་ཀའི་ལེགས་ཞན་བཤད་ཡོད།
10.   མཁས་པ་ཡོན་ཏན་མཛོད་འཛིན་པ། ། དེ་དག་ལེགས་བཤད་རིན་ཆེན་སྡུད།  །
རྒྱ་མཚོ་ཆེན་པོ་ཆུ་ཡི་གཏེར།། ཡིན་ཕྱིར་ཆུ་ཕྲན་ཐམས་ཅད་འབབ། །ཅེས་པའི་ཚིགས་བཅད་འདི་དཔེ་རྒྱན་གྱི་ནང་གསེས()ཡིན།
A   རབ་བཏགས་ཀྱི་དཔེ།     B བརྗོད་འདོད་ཀྱི་དཔེ།     C  ཟླ་བོ་དངོས་པོའི་དཔེ།
གཉིས། གཤམ་གྱི་སྟོང་ཆ་ཁ་སྐོང་དགོས།(སྐར10×1=10)
11.གན་རྒྱའི་ནང་དུ་མི་དམངས་ཤོག་སྒོར་སགོས་ཀྱི་གྲངས་ཚད་འབྲི་དགོས་ཚེ་ངེས་པར་དུ                        ཐོག་ནས་ མཚོན་པར་བྱེད་དགོས།
12.  ཤར་རྡོ་རྗེ་གདན་གྱི་བྱང་ཕྱོགས་ན།   གནས་པུར་རྒྱལ             ཅེས་བྱ་བ་ཡོད།
13. ང་ཚོས་སློབ་སྦྱོང་དང་།  ལས་དོན།  ཐོན་སྐྱེད་སོགས་ཀྱི་ལས་འགན་སྒྲུབ་སྐབས་སྔོན་ལ་ལས་འགན་དེ་ཇི་ལྟར་བསྒྲུབ་རྒྱུའི་བཀོད་སྒྲིག་གམ་སྔོན་རྩིས་ཤིག་ཡོད་དགོས་ཤིང་།དེ་ལྟའི་བཀོད་སྒྲིག་གི་སྔོན་རྩིས་དེ་ཡིག་ཐོག་ཏུ་བཀོད་པ་ལ                    ཟེར།
14. སྒྲིབ་པ་ལྔ་ནི་                                                                                                                                 ཐེ་ཚོམ་བཅས་ལྔའོ།
15. དམངས་གཙོ་བཅོས་བསྒྱུར་བྱས་ཚུན་བོད་རང་གི་སྐད་ལ་བརྟེན་ནས་བརྩམས་པའི་སྒྲུང་གཏམ་ཐོག་མ་ནི                             ཡིས་བརྩམས་
པའི་                               ཡིན།
16. སྐབས་རེར་ཉི་མ་དང་ཟླ་བའི་མཐའ་སྐོར་དུ་ཁ་དོག་སྣ་བདུན་གྱི་འོད་སྒོར་ལྟ་ན་སྡུག་པ་ཞིག་འཆར་བ་དེའི་མིང་ལ་                 ཟེར།
གསུམ   །མངོན་བརྗོད་ངོས་འཛིན་དགོས།(སྐར 0.5×6=3)
17.①སྡེར་ཐོགས་རྒྱལ་པོ།(                   )  ②ཆུ་ཤེལ་དཀྱིལ་འཁོར།(                )   ③ ཕང་འགྲོ(              )  
④ དབྱིག་གི་ཁུ་བ།  (                   ) ⑤སྒྲ་འཛིན།(                  )  ⑥འབྱུང་པོའི་བྱ(                )
བཞི།     མིང་ཚིག་ལ་འགྲེལ་པ་གྱིས་དང་། (སྐར 5×1=5)
①  སྐྱིད་དུ་ཕངས་པ།   ②མངོན་པའི་ང་རྒྱལ།③གཙུག་ལག   །④བསྲི་འཕང་།  ⑤རྟིང་སོར།
ལྔ།   གཤམ་གསལ་དྲི་བར་གཞིགས་ཏེ་ལན་འདེབས་དགོས།  (སྐར 8)
19.(1) བདག་སྒྲ་ཡ་གྱུར་བ་དང་ནི།    ཆ་ལ་པ་ཉིད་སྦྱོར་བ་ལེགས།     ཞེས་པའི་དོན་གང་ཡིན།(སྐར3)

( 2) འཕྲིན་ཡིག་འབྲི་སྐབས་ཚང་དགོས་པའི་དོན་ཚན་ག་ཚོད་ཡོད།   དེ་དག་རེ་རེ་བཞིན་བྲིས་དང་།(སྐར 3)

( 3)ས་མཐར་དམིགས་བསལ་དབང་གིས་ཞེས་སྦྱོར་བའི་རྒྱུ་མཚན་ཅི(སྐར 2)

གཉིས་པ།ལྟ་ཀློག་དང་དབྱེ་ཞིབ་ཀྱི་སྐོར། (བསྡོམས་སྐར 24)
20.  ལྟ་ཀློག་དབྱེ་ཞིབ་དང་པོ། (སྐར10)
ཚེམས་དཀར་ཀུན་ད་གསར་པའི་ཕྲེང་བ་དང་། །       དཀྱུས་རིང་སྤྱན་ཟུང་གཡོ་བའི་ཨུདྤལ་བཞད། །
མཚར་སྡུག་རྫི་མ་སྟུག་པོའི་གེ་སར་ཅན། །          ཁྱོད་ཞལ་མྱུར་དུ་མཇལ་བའི་སྐལ་བཟང་སྩོལ། །
⑴  དཔེར་བརྗོད་དེ་གཟུགས་ཅན་གྱི་རྒྱན་གང་ཡིན་ནམ། (སྐར2)
⑵  གཤམ་གྱི་ཞེ་ཚིག་ལ་ཕལ་སྐད་རེ་བྲིས་དང་། (སྐར4×0.5=2)
① ཚེམས། __________   ② སྤྱན། _________   ③ ཞལ། ____________   ④ མཇལ། __________
⑶  དཔེར་བརྗོད་དེའི་ཚེག་བར་ཆ་ཡ་འཁེལ་སྟངས་ཇི་འདྲ་ཡིན་ནམ། (སྐར2)
⑷  དཔེར་བརྗོད་དེའི་ཆ་ཤས་དང་ཆ་ཤས་ཅན་གང་ཡིན་པ་ངོས་འཛིན་དགོས། (སྐར2)
⑸དཔེ་ཅན་གང་ཞིག་དཔེ་གང་གི་གཟུགས་སུ་བཀོད་ཡོད་པ་གསལ་བཤད་བྱེད་དགོས། (སྐར2)

21 ལྟ་ཀློག་དབྱེ་ཞིབ་གཉིས་པ། (སྐར 14)
《བོད་སྐད་ཡིག་གི་སྐོར་གླེང་བ》ཞེས་པར་།  འདིའི་སྐོར་ལ《དེབ་ཐེར་དཀར་པོ་》ལས།’དཔར་ལས་བྱེད་པའི་འགོ་ཚུགས་པ་དེ་ནས་བཟུང་ཡིག་གཟུགས་དང་དག་ཆ་སོགས་ཀྱང་ཕལ་ཆེར་སྲོལ་ལུགས་གཅིག་ལས་ཅུང་ཟད་གནས་པ་ཙམ་བྱུང་། དེས་ན་ད་དུང་ཡང་རང་རེ་རྣམས་ཇི་སྲིད་བསྟན་བཅོས་ཀྱི་ཐ་སྙད་དང་ཆོས་སྐད་ལ་ཆ་འཇོག་བྱེད་པ་དེ་སྲིད་དུ་བོད་ཡུལ་ཡོངས་རྫོགས་ཀྱི་སྐད་རིགས་གཅིག་ཀྱང་གཅིག་ཏུ་གནས་པ་ཡིན་ཞིང་། དཔེར་ན་ཆོས་སྐད་དུ་བྲིས་པའི་གླེགས་བམ་ཞིག་མངའ་རིས་ནས་ཨ་མདོའི་བར་དུ་ཁྱེར་ཡང་།ཐམས་ཅད་ཀྱིས་ལྷོགས་ཤེས་ཤིང་གོ་ཐུབ་པ་ཡིན། དེང་སང་མཐའ་མི་འགའ་ཞིག་གིས། དབུས་ཀྱི་ཕལ་སྐད། ལ་དགས་ཀྱི་ཕལ་སྐད་སོགས་སྣང་བར་གང་དྲན་གྱི་སྐད་མཛོད་གླེགས་བམ་སྡེབ་པ་འདི་རིགས་། བརྒྱ་ལ་དར་སྲོལ་ཆེ་རུ་སོང་ན། ཡུལ་སོ་སོའི་ཕལ་སྐད་མི་འདྲ་བའི་རྐྱེན་གྱིས་བོད་ཀྱི་སྤྱི་སྐད་ཡང་དུམ་བུར་ཆད་དེ།ནམ་ཞིག་ན་ཡུལ་སོ་སོའི་སྐད་དང་ཡི་གེ་ཕན་ཚུན་བརྡ་མི་འཕྲོད་པ་ཞིག་འོང་ངེས། སྐད་ཡིག་སོ་སོར་གྱེས་པ་ལས་བསམ་འཁྱེར་དང་སྤྱོད་ལམ་སོགས་ཀྱང་ཐ་དད་དུ་སོང་སྟེ་མཐར་བོད་ཀྱི་རིགས་རྩ་བ་ཉིད་ནས་སིལ་བུར་ཐོར་བའི་རྐྱེན་དུ་འགྲོ་བ་ལགས།  གལ་ཏེ་ཕལ་སྐད་གསར་པ་དེ་འདྲ་ཞིག་བོད་ཡུལ་ཀུན་དུ་དར་བའི་དབང་དུ་བྱས་ནའང་། རང་ཅག་གི་ཆོས་སྐད་དུ་བྲིས་པའི་མདོ་རྒྱུད་རིག་གནས་ཀྱི་གཙུག་ལག་རྒྱ་མཚོ་ལྟ་བུ་འདི་ཀུན་རིམ་གྱིས་སུས་ཀྱང་ཧ་མི་གོ་བའི་གླེགས་བམ་གྱི་ཕུང་པོ་ཙམ་དུ་འགྲོ་ངེས་པས། སྲོལ་ངན་འདི་འདྲའི་ཕྱོགས་ལ་ཐམས་ཅད་ཀྱིས་དོགས་ཟོན་དགོས་པ་ལགས།
གོང་གསལ་དུམ་མཚམས་དེ་བཀླག་ནས་གཤམ་གྱི་དྲི་བར་ལན་ཐོབས།
( 1).   རྩོམ་པ་པོས་དྲངས་པའི་ལུང་ཚིག་དེ་གང་ནས་དྲངས།  སྐར1
                                                                                                      
( 2).   《བོད་སྐད་ཡིག་གི་སྐོར་གླེང་བ》ཞེས་པའི་རྩོམ་པ་པོ་དང་རྩོམ་ཐབས་ཅི་ཞིག་ཡིན།  སྐར2
                                                                                      
( 3).   བོད་ཀྱི་པར་སྐྲུན་ལས་རིགས་དེ་རྒྱལ་རབས་གང་གི་རྒྱལ་པོ་སུའི་དུས་སུ་དར།  སྐར2
                                                                                      
(4).   ཕལ་སྐད་དང་ཡིག་སྐད་གཉིས་ཀྱི་ཁྱད་པར་གཙོ་བོ་ཅི་ཡིན།  སྐར་2
                                                                                      
( 5).   པར་སྐྲུན་ལས་རིགས་དར་བ་དེས་བོད་ཀྱི་སྐད་ཡིག་ལ་དགེ་མཚན་ཅི་འདྲ་ཞིག་བསྐྲུན་ཡོད།སྐར་2
                                                                                      
(6).   སྲོལ་ངན་འདི་འདྲའི་ཕྱོགས་ལ་ཐམས་ཅད་ཀྱིས་བག་ཟོན་དགོས་པ་ལགས་ཞེས་པའི་སྲོལ་ངན་དེ་གང་ལ་གོ་དགོས།  སྐར་3
                                                                                      
( 7).   ཆོས་སྐད་དུ་བྲིས་པའི་གླེགས་བམ་ཞིག་མངའ་རིས་ནས་ཨ་མདོའི་བར་དུ་ཁྱེར་ཡང་།   ཐམས་ཅད་ ཀྱིས་གོ་ཐུབ་པའི་རྒྱུ་མཚན་ཅི་ཡིན།   སྐར་2
                                                                                      
22.གསུམ་པ།   ཕྱོགས་བསྡུས་རང་བཞིན་གྱི་སློབ་སྦྱོང་།      སྐར། 5
   སློབ་གྲྭ་ནི་ང་ཚོའི་སློབ་སྦྱོང་བྱེད་ས་ཡིན་ལ། ཤེས་རིག་གི་ཞིང་ཁམས་ཀྱང་ཡིན། གཙང་ཞིང་མཛེས་སྡུག་ལྡན་པ་དང་བག་ཕེབས་པའི་སློབ་གྲྭའི་ཁོར་ཡུག་ཅིག་ཡོད་ན། དེ་ནི་སློབ་མ་རྣམས་ཀྱི་སློབ་སྦྱོང་གི་སྤྲོ་བ་འཕེལ་བའི་སྒུལ་ཤུགས་ཡིན། དེར་བརྟེན་སློབ་གྲྭའི་ཁོར་ཡུག་ལ་སྲུང་སྐྱོང་བྱ་རྒྱུ་ནི། ང་ཚོའི་སློབ་སྦྱོང་གི་འཚོ་བ་ལེགས་པོ་ཞིག་རྒྱུན་སྲིང་ཐུབ་པའི་འགན་ལེན་ཡིན།  འོ་ན་སློབ་གྲྭའི་ཁོར་ཡུག་ལ་སྲུང་སྐྱོང་བྱ་བའི་ཐད་རང་ཉིད་ལ་འགན་འཁྲི་ཅི་ཞིག་ཡོད་པ་དང་། ཇི་ལྟར་བྱས་ནས་སློབ་གྲྭའི་ཁོར་ཡུག་གི་མཛེས་པའི་རྣམ་པ་རྒྱུན་སྲིང་བྱེད་དགོས།
བཞི་པ།རྩོམ་འབྲིའི་སྐོར། (སྐར35)
འཇིག་རྟེན་མི་ཡུལ་འདིར་སླེབས་ནས་ལོ་ཡི་ཉག་མ་བཅོ་ལྔ་བཅུ་དྲུག་ཙམ་སོང་བའི་དུས་ཚོད་ནང་ཁྱེད་ཀྱི་སློབ་སྦྱོང་དང་།འཚོ་བ།ཕུགས་བསམ་སོགས་ཀྱི་ཐད་རོགས་རམ་དང་རྒྱབ་སྐྱོར་སེམས་ཁུར་སོགས་གནང་མཁན་གྱི་མི་སྣ་ཧ་ཅང་གི་མང་པོ་ཡོད་ངེས་རེད།འོ་ན་དེ་དག་ཁྲོད་རང་ཉིད་ལ་ཆེས་བཀའ་དྲིན་ཆེ་བའི་མི་སྣ་ཞིག་བརྗོད་བྱར་བྱས་ནས་དེའི་བཀའ་དྲིན་མཚོན་པའི་རྩོམ་ཐུང་ཞིག་བྲིས་དང་།
རྩོམ་འབྲིའི་རེ་འདུན།
1 ཁ་བྱང་སོ་སོས་གཏན་འཁེལ་བྱེད་དགོས།
2 རྩོམ་སྟངས་ཇི་བཞིན་བརྗོད་པ།  
3 ཁམས་གཙང་ཞིང་དག་ནོར་མེད་ལ་སྙན་པ།བརྗོད་བྱ་འབུར་ཐོན།   
4 ཡིག་འབྲུ500ཡན་དགོས།    
༄༅༎སྟག་རྩེ་ཆུས་སློབ་འབྲིང་ལོ་རིམ་དགུ་པའི་བོད་སྐད་ཡིག་སློབ་དཀྱིལ་རྒྱུགས་ལན།

དང་པོ།རྨང་གཞིའི་ཤེས་བྱའི་སྐོར།(བསྡོམས་སྐར40)	
གཅིགགདམ་གསེས་དྲི་གཞི།(སྐར 10×1=10)   
1B  2D  3C  4C  5B  6A  7B  8B  9 D  10C
གཉིས།གཤམ་གྱི་སྟོང་ཆ་ཁ་སྐོང་དགོས།(སྐར 10×1=10)
ཡི་གེ།     12.བོད།      13.འཆར་གཞི          14.རྒོད་འགྱོད།     གནོད་སེམས།      རྨོངས་གཉིད།      འདོད་ལ་འདུན།      
  15. དཔལ་འབྱོར།    《གཙུག་གཡུ》   16.འཇའ་གུར   
གསུམ།མངོན་བརྗོད་ངོས་འཛིན་དགོས།(སྐར 6×0.5=3)
17.གཤམ་གསལ་མངོན་བརྗོད་ངོས་འཛིན་དགོས།
①སེང་གེ།   ②ཟླ་བ།   ③སྒྲ་སྙན     ④ཉི་མ།    ⑤རྣ་བ།    ⑥འུག་པ།
བཞི།མིང་ཚིག་ལ་འགྲེལ་པ་གྱིས་དང་།(སྐར 5×1=5)
①སྐྱིད་པོ་བྱུང་ན་མི་དགའ་བའི་དོན།② ང་ལས་ལྷག་པ་སུ་ཡོད་སྙམ་པའི་ང་རྒྱལ།③རིག་གནས་སྤྱིའི་མིང་།
④སེར་སྣའམ་གཏོང་མི་ཕོད་པའི་དོན།⑤ཕྱིས་སུའམ་རྗེས་སུ་ཞེས་པའི་དོན།
ལྔ།གཤམ་གསལ་དྲི་བར་གཞིགས་ཏེ་ལན་འདེབས་དགོས།(སྐར8)
19.(1) ལན།བདག་སྒྲ་སྟོན་བྱེད་ཀྱི་མིངདེ་ཡིག་འབྲུའི་ཆ་ནས་ཡར་གྱུར་ཚེ་བ་སྦྱོར་བ་དང་ཆར་གྱུར་ཚེ་པ་སྦྱོར་ན་ལེགས་ཞེས་པའི་དོན་ཡིན།
(2) ལན།   དོན་ཚན་བདུན་ཚང་དགོས་ཏེ། 1 གང་ལ་སྐུར་ཡུལ་གྱི་ཆེ་བ་བརྗོད་པ། 2འདུད་པ་དང་བཅས་པའི་ཞེ་ས། 3 ཁམས་བདེ་འབྲི་བ།   4རང་གི་གནས་ཚུལ།  5སྐབས་བབ་དོན་དངོས་།  6སླད་ཆར་དགེ་བའི་སྨོན་འདུན། 7 ལོ་ཟླ་ཚེས་གྲངས་དང་རང་མིང་བཅས་སོ།
(3) ལན། བློ་རིག་ཤེས་གསུམ་གྱི་ཤེས་དང་ནོར་ཉེན་ཆེ་བས་དམིགས་བསལ་གྱི་དབང་གིས་ཞེས་སྦྱོར་བ་ཡིན།
གཉིས་པ།ལྟ་ཀློག་དང་དབྱེ་ཞིབ་ཀྱི་སྐོར།(བསྡོམས་སྐར 24)
20.ལྟ་ཀློག་དབྱེ་ཞིབ་དང་པོ།(སྐར 10 )
ལན།  ཆ་ཤས་གཟུགས་ཅན་ཡིན།
ལན།     སོ།      མིག།          གདོང་པ།        འཕྲད།
ལན།    ཆ     ཆ   ཆ   ཡའམ།  ཆ་བཕིའི་རྗེས་སུ་ཡ་གཅིག་ཡིན། 
⑷ལན། ཆ་ཤས་ཅན་ནི་ཁྱོད﹙ལྷ་མོ་དབྱངས་ཅན་མ།﹚       ཆ་ཤས་ནི།   ཚེམས་དཀར།  སྤྱན་ཟུང་།    རྫི་མ། 
⑸ལན།     དཔེ་ཅན་ཚེམས་དཀར་དེ་ཀུན་ད་གསར་པ་དང་།   དཔེ་ཅན་དཀྱུས་རིང་གི་སྤྱན་ཟུང་དེ་དཔེ་ཨུད་པལ་དང་། དཔེ་ཅན་རྫི་མ་དེ་དཔེ་གེ་སར་ཅན་གྱི་གཟུགས་སུ་བཀོད་ཡོད། 
21 ལྟ་ཀློག་དབྱེ་ཞིབ་གཉིས་པ།(སྐར14)
ལན། 《དེབ་ཐེར་དཀར་པོ》 
ལན། རྩོམ་པ་པོ་ཉན་ཤུལ་མཁྱེན་རབ་འོད་ཟེར་དང་།   རྩོམ་སྟངས་ནི་དགག་སྒྲུབ་རྩོམ་ཡིག་ཡིན།
ལན། མིང་རྒྱལ་རབས་ཀྱི་གོང་མ་ཡོང་ལོའི་དུས་དར་བ་ཡིན།
ལན། ཕལ་སྐད་ནི་ལུང་པ་སོ་སོའི་སྐད་ལུགས་ཙམ་དང་།  ཡིག་སྐད་ནི་བསྟན་བཅོས་ཀྱི་ཐ་སྙད་དང་ཆོས་སྐད་ཡིན་པས་མདོ་དབུས་ཁམས་གསུམ་གྱི་བོད་ཡུལ་ཡོངས་རྫོགས་ཀྱིས་ཀློག་ཤེས་ཤིང་གོ་ཐུབ་པའི་ཁྱད་པར་ཡོད།
ཡིག་གཟུགས་དང་དག་ཆའི་ཐད་ཅུང་ཟད་ཁྱབ་ཆེ་བའི་གཅིག་གྱུར་བྱུང་ཡོད།
དེང་སང་མཐའ་མི་འགའ་ཞིག་གིས། དབུས་ཀྱི་ཕལ་སྐད། ལ་དགས་ཀྱི་ཕལ་སྐད་སོགས་སྣང་བར་གང་དྲན་གྱི་སྐད་མཛོད་གླེགས་བམ་སྡེབ་པ་། 
ལན། བསྟན་བཅོས་ཀྱི་ཐ་སྙད་དང་ཆོས་སྐད་སྟེ་ཡིག་སྐད་ལ་ཆ་འཇོག་བྱས་པས་ཡིན།
གསུམ་པ།ཕྱོགས་བསྡུས་རང་བཞིན་གྱི་ཤེས་བྱ།(སྐར5)
22.སློབ་མས་ལན་འདེབས་པའི་ནང་དོན་ལ་གཞིགས་ནས་སྐར་སྤྲོད་རྒྱུ།














版权所有©正确教育 侵权必纠!

预览已结束,查看棋牌捕鱼送现金6元内容需下载哦~

博聚网